林芝市教育体育局
林芝市教育系统2026年关于持续开展群众身边不正之风和腐败问题集中整治的公告
2026ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་སློབ་གསོའི་ཁོངས་གཏོགས་སུ་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་རྒྱུན་མཐུད་ངང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
为深入推进整治群众身边不正之风和腐败问题,持续深化整治中小学“校园餐”、利用征订教辅及购买校服谋利等侵害学生及家长合法权益的问题,营造风清气正的校园育人环境,切实保障学生身心健康和群众合法权益,现面向社会公开征集相关问题线索。有关事项公告如下:
མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་དག་ཐེར་འདོན་བཅོས་སྐྱོང་གཏིང་ཟབ་བྱ་ཆེད། སློབ་གྲྭ་འབྲིང་ཆུང་གི“སློབ་གྲྭའི་ཁ་ལག”དང་སྦྱོང་དེབ་གང་བྱུང་མངག་ཉོ། དེ་བཞིན་སློབ་གོས་ཉོས་ནས་ཁེ་ཕན་སྒྲུབ་པ་སོགས་བྱས་ཏེ་སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་རྒྱུན་མཐུད་ངང་བཅོས་སྒྲིག་གཏིང་ཟབ་བྱས་ནས། སྲོལ་བཟང་སྤྱོད་བཟང་གི་སློབ་གྲྭའི་མི་སྣ་བཟང་པོ་སྐྱོང་བའི་ཁོར་ཡུག་ཞིག་སྐྲུན་ཏེ། སློབ་མའི་ལུས་སེམས་བདེ་ཐང་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བཅས་བྱ་ཆེད། ད་ལྟ་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལྐོག་ཟ་ལྐོག་ངན་གྱི་འབྲེལ་ཡོད་རུལ་སུངས་གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་བྱ་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་ཁག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
一、征集范围
(一)“校园餐”“三包”及膳食经费专项整治成果巩固
“校园餐”整治主体责任落实不到位、问题反弹回潮等突出问题;学校食堂经营招标、大宗食材采购等环节,未经正规招投标,大宗食材采购不公开、不透明,存在以权谋私暗箱操作,食材质量低劣、来源不明等问题;克扣、挪用、截留、贪污教育“三包”、膳食经费;食品及原材料采购中搞利益输送等违纪违法行为。
དང་པོ། བསྡུ་རུབ་བྱེད་ཁོངས།
གཅིག “སློབ་གྲྭའི་ཟ་ཁང་ཁ་ལག”དང སློབ་མའི་“འགན་ལེན་གསུམ” དེ་བཞིན་བཟའ་བཅའི་གྲོན་དངུལ་བཅས་ཆེད་དོན་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།
“སློབ་གྲྭའི་ཁ་ལག”བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་སྒྲུབ་ཚད་དོན་ཐོག་ཏུ་མ་འཁྱོལ་བ་དང་གནད་དོན་བསྐྱར་ལོག་ཐེབས་པ་སོགས་མངོན་གསལ་དོད་པའི་གནད་དོན། སློབ་གྲྭའི་ཟ་ཁང་གཉེར་སྐྱོང་ཐད་འོས་སྐུལ་དང་། བཟའ་བཅའ་འབོར་ཆེན་ཉོ་སྒྲུབ་བྱེད་པ་སོགས་ཀྱི་ཐད་ཚད་ལྡན་གྱི་འོས་སྐུལ་འོས་དཔོད་མ་བྱས་པ། བཟའ་བཅའ་འབོར་ཆེན་ཉོ་སྒྲུབ་ཐད་ཡོངས་བསྒྲགས་དང་ཁ་གསལ་མེད་པ་བཅས་དབང་བརྟེན་སྒེར་སྒྲུབ་ངན་འབྲེལ་གཡོ་སྒྱུ་བྱས་པ། ཟས་རིགས་རྒྱུ་ཆའི་སྤུས་ཚད་ཞན་པ་དང་། ཡོང་ཁུངས་གསལ་པོ་མེད་པ་སོགས་ཀྱི་གནད་ཚུལ། སློབ་གསོའི“འགན་ལེན་གསུམ”དང་བཟའ་བཅའི་གྲོན་དངུལ་འཕྲི་འཐེན་དང་། སྒེར་སྤྱོད། བཀག་ཉར། ལྐོག་ཟ་བཅས་བྱས་པ། བཟའ་བཅའ་དང་རྒྱུ་ཆ་ཉོ་སྒྲུབ་བྱེད་སྐབས་ཁེ་ཕན་མཉམ་སྤྱོད་བྱེད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད།
(二)利用征订教辅谋利相关问题
任何单位和个人进入学校宣传、推荐、推销教辅材料、课外读物;强制或变相强制订购教辅材料,或违规扩大征订范围,未落实“一科一辅”要求。学校或教师向学生推荐、统一征订、代购自治区推荐目录外的教辅材料;暗示、诱导学生通过指定书店、网店等渠道购买教辅材料;在教辅征订过程中收受回扣、礼品礼金和利益输送等。
གཉིས། སློབ་གསོའི་སྦྱོང་དེབ་གང་བྱུང་མངག་ཉོར་བརྟེན་ནས་ཁེ་ཕན་སྒྲུབ་པའི་འབྲེལ་ཡོད་གནད་དོན།
ཚན་པ་དང་མི་སྒེར་གང་བྱུང་གིས་སློབ་གྲྭའི་ནང་འཛུལ་ནས་སྦྱོང་དེབ་དང་སློབ་གསེང་ཀློག་དེབ་སོགས་དྲིལ་བསྒྲགས་དང་། ངོ་སྤྲོད། འགྲེམ་འཚོང་བྱེད་པ། ཡང་ན་བཙན་ཤེད་དམ་རྣམ་པ་འགྱུར་བའི་ཐོག་ནས་ཞོར་དེབ་དཔྱད་ཡིག་མངག་ཉོ་བྱེད་དུ་འཇུག་པ། ཡང་ན་སྒྲིག་འགལ་གྱིས་མངག་ཉོ་བྱེད་ཚད་ཤུགས་ཆེར་གཏོང་བ། “སློབ་ཚན་གཅིག་དང་ཞོར་དེབ་གཅིག”གི་བླང་བྱ་དོན་འཁྱོལ་བྱས་མེད་པ། སློབ་གྲྭའམ་དགེ་རྒན་གྱིས་སློབ་མར་རང་སྐྱོང་ལྗོངས་ཀྱིས་འོས་སྦྱོར་དང་། གཅིག་གྱུར་གྱིས་བསྡུ་སྒྲིག་མངགས་ཉོ་བྱེད་པའི་དཀར་ཆག་ནང་མ་ཚུད་པའི་ཟུར་ཁྲིད་དཔྱད་ཡིག་འོས་སྦྱོར་དང་། སློབ་མར་དམིགས་འཛུགས་བྱས་པའི་དཔེ་ཁང་དང་དྲ་ཐོག་ཚོང་ཁང་སོགས་ཀྱི་ཐབས་ལམ་བརྒྱུད་ཞོར་དེབ་མངག་ཉོ་དགོས་པའི་ལྐོག་བརྡ་བྱས་པ་ལས་ཁེ་བཟང་དང་། ལག་རྟགས། འབུལ་རྟེན་སོགས་ཀྱི་ཁེ་ཕན་སྒྲུབ་པ།
(三)利用购买校服谋利相关问题
违规指定供应商,校服招标采购过程中暗箱操作,未经正规招投标,存在利益输送;相关部门或个人收受贿赂、回扣、礼品礼金或进行利益输送等违纪违法行为。
གསུམ། སློབ་གོས་ཉོ་བར་བརྟེན་ནས་ཁེ་ཕན་གཉེར་བའི་འབྲེལ་ཡོད་གནད་དོན།
སྒྲིག་འགལ་གྱིས་མཁོ་འདོན་ཚོང་པ་དམིགས་འཛུགས་བྱས་ནས། སློབ་གོས་འོས་སྐུལ་གྱིས་ཉོ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་སྦུག་མཐུན་གཡོ་སྒྱུར་བྱས་ཏེ། ཚད་ལྡན་གྱི་འོས་སྐུལ་འོས་དཔོད་མ་བྱས་པར་ཁེ་ཕན་སྤྲོད་རེས་བྱེད་པ། འབྲེལ་ཡོད་ཚན་པའམ་མི་སྒེར་གྱིས་ལྐོག་རྔན་དང་། བརབཟང་། ལག་རྟགས། འབུལ་རྟེན་བཅས་ལེན་པའམ་ཡང་ན་ཁེ་ཕན་སྤྲོད་རེས་བྱེད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད།
(四)中小学招生方面
利用职权之便非法收受贿赂,违规安排学生入学,在分班等方面提供便利,收取家长费用违规安排学生提前入校,对入学名额明码标价的问题。
བཞི། སློབ་གྲྭ་འབྲིང་ཆུང་གྱི་སློབ་བསྡུའི་སྐོར།
དབང་ཆ་སྤྱད་དེ་ཁྲིམས་དང་མི་མཐུན་པར་ལྐོག་རྔན་ལེན་པ་དང་། སྒྲིག་འགལ་གྱིས་སློབ་མ་སློབ་ཞུགས་བཀོད་སྒྲིག་བྱེད་པ། འཛིན་གྲྭ་བགོ་བ་སོགས་ཀྱི་ཐད་སྟབས་བདེ་སྐྲུན་པ་དང་། ཁྱིམ་བདག་ས་ནས་གྲོན་དངུལ་བསྡུ་ལེན་བྱས་ཏེ་སློབ་མ་སྔོན་ལ་སློབ་གྲྭར་བཀོད་སྒྲིག་བྱེད་པ། སློབ་ཞུགས་མི་གྲངས་རིན་གོང་གསལ་འགོད་བྱེད་པ་སོགས་ཀྱི་གནད་དོན།
(五)巧立名目乱收费方面
打着家委会旗号以“自愿”名义强制收取费用,违规收取企业微信费、空调使用和维修费、早读奖励费、电吹风使用费等,强制要求学生办理电话卡、购买保险、付费开通APP查询成绩服务等问题。
ལྔ། མིང་སྣ་ཚོགས་བཏགས་ནས་གྲོན་དངུལ་གང་བྱུང་དུ་བསྡུ་བའི་སྐོར།
“རང་མོས”ཀྱིས་ཁྱིམ་ཚང་ཨུ་ལྷན་མིང་ཐོག་ནས་བཙན་ཤེད་ཀྱིས་གྲོན་དངུལ་བསྡུ་ལེན་བྱེད་པ་དང་། གཏན་འབེབས་ལས་འགལ་བའི་ཁེ་ལས་ཀྱི་སྐད་འཕྲིན་གྲོན་དངུལ་དང་། དྲོད་སྙོམས་འཕྲུལ་ཆས་བེད་སྤྱོད་དང་ཉམས་གསོ་གྲོན་དངུལ། ཞོགས་སྦྱོང་བྱ་དགའི་གྲོན་དངུལ། གློག་ཕུ་རླུང་གཏོང་བཀོལ་སྤྱོད་གྲོན་དངུལ་སོགས་བསྡུ་ལེན་བྱས་པ། བཙན་ཤེད་ཀྱིས་སློབ་མར་ཁ་པར་བྱང་བུ་བཟོ་བ་དང་། འགན་བཅོལ་ཉོ་བ། གྲོན་དངུལ་སྤྲད་ནས་APPཡི་འདྲི་རྩད་ཞབས་ཞུར་ཞུགས་པ་སོགས་ཀྱི་གནད་དོན།
(六)学生研学实习方面
强制学生参加研学并收取课后服务费,违规安排职业学校学生校外实习并与毕业挂钩,以“技能培训费”等名义向实习学生收取费用,克扣学生实习薪水,学校通过学生实习赚提成等问题。
དྲུག སློབ་མའི་ཞིབ་འཇུག་སློབ་གཉེར་དང་དངོས་སྦྱོང་གི་སྐོར།
བཙན་ཤེད་ཀྱིས་སློབ་མར་ཞིབ་འཇུག་སློབ་སྦྱོང་ལ་ཞུགས་སུ་འཇུག་པ་དང་འབྲེལ་སློབ་གསེང་གི་ཞབས་ཞུའི་རིན་པ་ལེན་པ་དང་། ལས་རིགས་སློབ་གྲྭའི་སློབ་མར་སློབ་ཐོན་དང་ཟུང་འབྲེལ་ནས་སློབ་གྲྭའི་ཕྱི་རོལ་དུ་དངོས་སྦྱོང་བྱེད་དུ་བཅུག་པ། “རྩལ་ནུས་སྦྱོང་བརྡར་གྲོན་དངུལ”སོགས་ཀྱི་མིང་ཐོག་ནས་དངོས་སྦྱོང་སློབ་མའི་ས་ནས་གྲོན་དངུལ་ལེན་པ་དང་། སློབ་མའི་དངོས་སྦྱོང་གི་གླ་ཕོགས་འཕྲི་འཐེན་བྱས་ཏེ། སློབ་གྲྭས་སློབ་མས་དངོས་སྦྱོང་བྱས་པ་བརྒྱུད་ཁེ་བཟང་རག་ཐབས་བྱེད་པ་སོགས་ཀྱི་གནད་དོན།
二、征集时间
自本公告发布之日起至2026年12月31日止
གཉིས་པ། ཁུངས་སྣེ་བསྡུ་རུབ་ཀྱི་དུས་ཚོད།
སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་2026ལོའི་ཟླ་12ཚེས་31ཉིན་བར་ཡིན།
三、征集方式
本次线索征集采取属地原则,欢迎广大家长及市民朋友通过以下方式,向本地教育行政部门提供线索。
གསུམ་པ། བསྡུ་རུབ་བྱེད་སྟངས།
ད་ཐེངས་ཁུངས་སྣེ་བསྡུ་རུབ་བྱེད་སྐབས་ས་ཁོངས་ཀྱི་རྩ་དོན་ལག་བསྟར་བྱས་ཏེ། རྒྱ་ཆེའི་ཁྱིམ་བདག་དང་གྲོང་མི་ཚོས་གཤམ་གསལ་གྱི་བྱེད་ཐབས་བརྒྱུད། ས་གནས་དེ་གའི་སློབ་གསོའི་སྲིད་འཛིན་ཚན་པར་ཁུངས་སྣེ་མཁོ་འདོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
林芝市征集“校园餐”“三包”及膳食经费问题线索途径

林芝市征集“利用征订教辅、购买校服谋利”、中小学招生、巧立名目乱收费及学生研学实习问题线索途径

四、投诉举报须知
(一)举报人应本着实事求是的原则,如实反映问题,明确说明问题发生的时间、地点、涉及对象、主要事由,尽可能提供相关证据材料。受理范围主要为公告征集内容中明确的相关线索,其他问题线索请依法依规向有关部门提出。
བཞི་པ། ཉེས་འདོན་དང་ཐེར་འདོན་བྱེད་སྐབས་ཀྱི་ངེས་བྱ།
གཅིག ཐེར་འདོན་བྱེད་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་ལྟར་གནད་དོན་ཇི་མ་ཇི་བཞིན་གསལ་ཞུ་དང་། གནད་ཚུལ་ཐོན་པའི་དུས་ཚོད། ས་གནས། འབྲེལ་ཡོད་མི་སྣ། རྒྱུ་རྐྱེན་གཙོ་བོ་བཅས་གསལ་བཤད་ཁ་གསལ་བྱེད་དགོས་དང་། འབྲེལ་ཡོད་བདེན་དཔང་རྒྱུ་ཆ་འདོན་སྤྲོད་གང་ཐུབ་བྱེད་དགོས། བདག་སྤྲོད་ཀྱི་ཁྱབ་ཁོངས་གཙོ་བོ་བསྡུ་རུབ་བྱ་རྒྱུའི་སྤྱི་བསྒྲགས་ནང་འཁོད་པའི་འབྲེལ་ཡོད་ཁུངས་སྣེ་ཡིན་པ་ལས། དེ་མིན་གྱི་གནད་དོན་ཁག་གི་གྱི་ཁུངས་སྣེ་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འབྲེལ་ཡོད་ཚན་པར་མཁོ་འདོན་བྱེད་དགོས།
(二)严禁捏造、歪曲事实、夸大事实恶意投诉,诬告、陷害他人或伪造证据,一经查实,将依法追究相关责任。
གཉིས། དོན་དངོས་རྫུན་བཟོ་དང་འཁྱོག་བཤད་བྱེད་པ་དང་། དོན་དངོས་སྒྲོ་འདོགས་ཀྱིས་བསམ་ངན་བཅངས་ནས་ཞུ་སྦྱོར་བྱེད་པའི་རིགས་ནན་འགོག་བྱ་རྒྱུ། སྙོན་འཛུགས་ཞུ་སྦྱོར་དང་མི་གཞན་ལ་མ་ཉེས་ཁ་གཡོགས་སམ་ཡང་ན་དཔང་རྟགས་རྫུན་བཟོ་བྱས་པའི་རིགས་རྩད་ཆོད་མཐའ་གསལ་བྱུང་ཚེ་བཅའ་ཁྲིམས་ལྟར་འབྲེལ་ཡོད་འགན་འཁྲི་བདའ་འདེད་བྱ་རྒྱུ།
(三)投诉举报问题线索时应具实名并注明有效联系方式,我们将对举报人的个人信息严格保密,依法保障举报人的合法权益。
གསུམ། ཐེར་འདོན་གནད་དོན་གྱི་ཁུངས་སྣེ་ཞུ་སྦྱོར་བྱེད་སྐབས་དངོས་མིང་བྲིས་དགོས་པ་མ་ཟད་ནུས་ལྡན་འབྲེལ་གཏུག་བྱེད་སྟངས་ཁ་གསལ་བྲིས་དགོས། ང་ཚོས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་གསང་བ་ནན་པོ་བྱས་ཏེ། ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་ཡིན།
欢迎广大师生、家长及社会各界积极参与监督,主动提供问题线索,共同守护学生合法权益,营造规范有序、廉洁自律的教育环境!
རྒྱ་ཆེའི་དགེ་སློབ་དང་། ཁྱིམ་བདག དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ལྟ་སྐུལ་ནང་ཧུར་ཐག་ཞུགས་པ་དང་། རང་འགུལ་ངང་གནད་དོན་གྱི་ཁུངས་སྣེ་འདོན་པ་བཅས་བྱས་ཏེ། སློབ་མའི་ཁྲིམས་མཐུན་ཁེ་དབང་ཐུན་མོང་ཐོག་སྲུང་སྐྱོང་དང་། ཚད་དང་ལྡན་ལ་རིམ་པ་དང་མཐུན་པའི་སྤྱོད་གཙང་རང་གཅུན་གྱི་སློབ་གསོའི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།